字級
分享 LINE Plurk 微博 TG 複製

金飲護法供養暨煙供

【直播】金飲護法供養暨煙供

༄༄།།བསྟན་བསྲུང་རྒྱལ་པོ་ཆེན་པོ་བཀྭན་ལོ་ཡེའི་གསོལ་མཆོད་འདོད་དོན་ཀུན་སྩོལ་ཞེས་བྱ་བཞུགས་སོ།།
《關聖帝君祭祀祈願文》

༄།རང་ཉིད་སྐད་ཅིག་གིས་དཔལ་རྡོ་རྗེ་འཇིགས་བྱེད་ཞལ་གཅིག་ཕྱག་གཉིས་ཀྱིས་གྲི་གུག་དང་ཐོད་པ་འཛིན་པའི་སྐུར་བཞེངས་པར་གྱུར།།
自我剎那成就吉祥大威德金剛,一面二臂,手持雙面鼓和頂骨,呈現修行者面前。

ཨོཾ་ཧྲཱིཿཥྚྲཱིཿཝི་ཀྲི་ཏཱ་ན་ན་ཧཱུཾ་ཕཊ
嗡日利威日達納納吽啪
ཨོཾ་ཨཱཿཧཱུཾ།
嗡啊吽
ལན་གསུམ་བརྗོད།(誦3遍)

ཀྱེ་དབང་ཕྱོགས་ཙི་ནའི་ཡུལ་གྱི་དགྲ་ལྷ་ཆེ།།
皆!自在中華聖地大護法,
གནོད་སྦྱིན་བདུད་འདུལ་དབང་གི་རྒྱལ་བོ་ནི།།
調服夜叉魔軍自在王;
པད་རཱཀ་མདོག་ལྡན་ཁྲོ་འཛུམ་འགྱིང་བག་ཆེ།།
具足白蓮忿怒稱威武,
རྒྱན་དང་ཆ་ལུགས་མ་ངེས་སྣ་ཚོགས་སྟོན།།
莊嚴甲胄呈現顯剛強。
འཁོར་དུ་གསང་ཡུམ་ལས་བྱེད་བློན་པོ་དང་།།
眷屬密妃亦有眾大將,
སྤྲུལ་བ་ཡང་སྤྲུལ་བཀའ་ཉན་དམག་ཚོགས་བཅས།།
示現神通使者諸君臣;
ཞང་ལིང་རི་བོ་ལ་སོགས་གནས་མཆོག་དང་།།
襄陵群峰處處皆聖地,
གར་བཞུགས་གནས་ནས་ཚུར་བྱོན་ས་མ་ཛཿ།།
盛請蒞臨此處普供養。
རབ་འབར་གསེར་ཞུན་འཁྱིལ་འདྲའི་མེ་ནང་དུ།།
金汁圍繞燎燃火焰中,
རབ་ཞིམ་སྨན་ཤིང་དཀར་དམར་ཟས་ཕུད་དང་།།
億味寶藥白紅諸妙飲;
རབ་སེར་དཔེན་ཤོག་སྤོས་ཀྱི་དུད་པའི་ཚོགས།།
滿天雲蓋金黃諸聖香,
རབ་བརྗིད་ཡཱུན་ཆཱང་དགྲ་ལྷ་འཁོར་བཅས་བསངས།།
供養威武關聖諸眷行。
གཞན་ཡང་དངོས་བཤམས་ཡིད་སྤྲུལ་མཆོད་པའི་ཚོགས།།
羅列實設意變諸供養,
ཕྱི་ནང་གསང་བའི་སྤྱན་གཟིགས་གོ་མཚོན་དང་།།
內外密觀一切珍供品;
མཁོ་དགུའི་ཡོ་བྱད་མ་ཚང་མེད་པ་འདི།།
所需用品樣樣均俱全,
འབུལ་ལོ་བཞེས་ལ་གང་བཅོལ་ལས་ཀུན་སྒྲུབས།།
供奉護法祈願登眾蓮。
སྟོབས་ལྡན་མཐུ་རྩལ་ཆེ་བའི་དགྲ་ལྷ་གཞན།།
具足威力護法伽藍將,
དོར་ནས་ཁྱེད་ལ་སྙིང་ནས་ཡིད་བརྟན་ཏེ།།
唯我誠心祈請尊雲長;
སྐྱབས་སུ་བཟུང་ཞིང་གུས་པས་བསྟེན་ལགས་ན།།
依靠堅守獨有威神力,
རྒྱལ་བ་བློ་བཟང་གྲགས་པའི་བསྟན་པ་དང་།།
護守格魯佛法日日昌。
དེ་འཛིན་སྐྱེས་བུ་དགེ་འདུན་སྡེ་རྣམས་ཀུན།།
四眾海會佛前俱祈願,
ཡང་སྒོས་ཡུང་དགོན་དགའ་ལྡན་བྱིན་ཆགས་གླིང་།།
特請護佑聖地雍和宮;
ཀྲུང་ཀོ་མི་དམངས་ཆབ་སྲིད་མངའ་ཐང་ལ།།
國富民安眾生齊安樂,
ཉིན་མཚན་དུས་ཀུན་བྱ་ར་མ་གཡེལ་ཅིག།
晝夜六時護道威名揚。
དཀོན་མཆོག་གསུམ་གྱི་དབུ་འཕང་སྨོད་བྱེད་པའི།།
殊勝三寶盛名永長存,
ལྟ་ལོག་མུ་སྟེགས་སྡེ་ཚོགས་ཐམས་ཅད་ཀྱི།།
驅除邪見外道諸障礙;
མཐུ་སྟོབས་དཔའ་རྩལ་ཁ་རྗེའི་དབང་ཐང་ཆོམས།།
具足威力護法眾勇士,
ལོ་ཟླར་མ་བཞག་གནས་ནས་སྐྲོད་པར་མཛོད།།
年復一年護佑此道場。
ཡང་སྒོས་འཇམ་དབྱངས་གོང་མའི་བཀའ་བཞིན་དུ།།
恭請護佑文殊所開示,
ཆོས་དང་སྲིད་ཀྱི་བྱ་བ་སྒྲུབ་པ་ལ།།
即護成就佛法與國法;
བར་དུ་གཅོད་པའི་ཉེ་བར་འཚེ་བ་ཀུན།།
驅除所有障礙與災難,
ཆོས་ཀྱི་དབྱིངས་སུ་ཞི་བའི་འཕྲིན་ལས་མཛོད།།
法界虛空寂靜具資糧。
དེ་ལྟར་མོས་གུས་གདུང་ཤུགས་དྲག་པོ་ཡིས།།
如此虔誠恭敬威神力,
རིང་ནས་བསྟེན་ཅིང་མཆོད་པའི་དགྲ་ལྷ་ཁྱེད།།
恆常依靠供養雲長尊;
རྣལ་འབྱོར་འཕྲིན་ལས་སྒྲུབ་པའི་དུས་ལ་བབས།།
成就瑜伽事業及時雨,
བདག་ཅག་རེ་བའི་འབྲས་བུ་མཆིས་པར་མཛོད།།
吾等希求善業如願常。
མདོར་ན་ལྷ་ཁྱོད་གསོལ་ཅིང་མཆོད་པའི་མཐུས།།
總略祈請供養之信力,
དམ་ཆོས་སྒྲུབ་པའི་འགལ་རྐྱེན་ཀུན་ཞི་ཞིང་།།
成就正法驅除諸逆緣;
མཐུན་རྐྱེན་ལེགས་ཚོགས་བསམ་པའི་དོན་ཐམས་ཅད།།
善聚順緣如意成大慈,
འབད་མེད་ལྷུན་གྱིས་འགྲུབ་པར་མཛད་དུ་གསོལ།།
祥雲成就世間諸妙方。
ཁྱད་པར་ཡུལ་འདིའི་མི་ཕྱུགས་གཉིས་སྐྱེས་ཚོགས།།
特請護佑人畜諸眾生,
ཡང་ཡང་གཙེ་བའི་ཡུལ་འདྲེ་འབྱུང་བོའི་བྱ།།
具足慈悲發大菩提心;
མཐུ་སྟོབས་བསྐལ་བའི་མེ་ཡིས་རྒྱ་མཚོའི་མཐར།།
勇猛精進猶如百劫火,
བསྐྲད་ནས་ཡུལ་འདིར་སྲུང་སྐྱོབ་ཚུལ་བཞིན་མཛོད།།
亦如大海覆含萬物量。
བདག་ཅག་སྦྱིན་བདག་དགོན་གནས་མཆོད་གཞི་ལ།།
吾等施主供養佛法僧,
བསམ་སྦྱོར་ངན་པ་འཆང་བའི་སྐྱ་སེར་ཚོགས།།
斷除惡念憂慮諸煩惱;
བསམ་སྦྱོར་ངན་པ་སྤངས་ནས་གུས་འདུད་ཀྱིས།།
常思感恩恭敬諸三寶,
ཚུལ་བཞིན་སྦྱིན་བདག་བྱེད་པའི་གྲོགས་མཛོད་ཅིག།
如法如理得獲妙吉祥。

格魯派 第三世章嘉呼圖克圖· 若必多吉(ལྕང་སྐྱ་རོལ་པའི་རྡོ་རྗེ་)大師 禮敬皈依道教 關聖帝君神威遠鎮天尊 撰寫之祭祀禮讚文

🏵歡迎加入護持會員🏵隨喜嘉義慈悲協會每一件好事
https://cyc0.org/member


【歡迎加入嘉義慈悲協會Telegram訊息通知】
https://cyc0.org/Notify

讓您可以從Telegram接收:當日的佛教日曆、下載慈悲法語圖片、直播、影片、法訊、免費牌位填寫、法寶結緣的消息等,薰修佛法,培養善根福德因緣,成就更好的自己,利益眾生。

TOP